71802

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུལ་ཡོངས་སུ་གཅོད་པའི་རབ་ཏུ་དབྱེ་བ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ཡུལ་ཡོངས་སུ་གཅོད་པ་ནི། ཡུལ་ལ་མཚན་མར་འཛིན་པ་དང་། མངོན་རྟགས་སུ་འཛིན་པ་ནི་ཡུལ་ཡོངས་སུ་གཅོད་པའོ། ། མྱོང་བ་ཡོངས་སུ་གཅོད་པ་ནི། ཡུལ་ལས་ངེས་པར་འབྱུང་བའི་ཚོར་བ་ནི་མྱོང་བ་ཡོངས་སུ་གཅོད་པའོ། ། བརྡ་ཡོངས་སུ་གཅོད་པ་ནི། བདག་གམ་གཞན་དག་ལ་མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་དུ་འཛིན་པ་ནི་བརྡ་ཡོངས་སུ་གཅོད་པའོ། ། ལོག་པར་ཡོངས་སུ་གཅོད་པ་ནི། ཡུལ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་ནི་ལོག་པར་ཡོངས་སུ་གཅོད་པ་ཡིན་ནོ། ། བདེན་པའི་དོན་ཡོངས་སུ་གཅོད་པ་ནི། ཡུལ་ལ་ཕྱིན་ཅི་མ་ལོག་པར་འཛིན་པ་ནི་བདེན་པའི་དོན་ཡོངས་སུ་གཅོད་པ་ཡིན་ནོ། །
Domain ཆོས་ལུགས།