71810

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུལ་རྩེ་ལྷ་ཁང་མདོ་སྔགས་བཤད་སྒྲུབ་བསྟན་རྒྱས་གླིང་ (1)
Part of speech མིང་ཚིག
Definition གྲུབ་དབང་བྱང་ཆུབ་འབུམ་པས་ཡུལ་རྩེ་ལྷ་ཁང་གཙོས་པའི་ཁྲོམ་ཡུལ་ལ་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས། ཁོང་རབ་བྱུང་ལྔ་པའི་ཤིང་སྤྲེལ་ལོར་འཁྲུངས་བ་ལ་བརྟག་ན་དགོན་འདི་ཡང་རབ་བྱུང་ལྔ་བར་བཏབ་སྙམ། དེ་ནས་དྲུང་རབས་བཅུ་གསུམ་པ་ནམ་མཁའ་རྒྱ་མཚོ་ནི། སྟག་ཤམ་རྡོ་རྗེའི་གཏེང་ལུང་ལས། དམ་པ་བདེ་གཤེགས་ཐུགས་ཀྱི་སྤྲུལ་བ་གཅིགཿ ཀཿཐོག་ཤར་ནས་ནམ་མཁའི་མིང་ཅན་འབྱུངཿཞེས་གསུངས་པ་ལྟར། ཆོས་རྗེ་དམ་པ་རིན་པོ་ཆེའི་ཐུགས་ཀྱི་སྤྲུལ་པར་གྲགས། ཁོང་གིས་གཏེར་ཆེན་ཀློང་གསལ་སྙིང་པོ་རང་གི་ཆོས་བདག་ཏུ་ངོས་བཟུང་། རིམ་བཞིན་རག་ཆབ་དགོན་དང་མཚོ་ཕུ་དགོན། ཡུལ་རྩེ་ལྷ་ཁང་དགོན་སོགས་སུ་བཞུགས་ནས། ཀཿཐོག་པའི་སྔ་སྲོལ་བཀའ་གཏེར་སྤྱི་དང་ཁྱད་པར་ཀློང་གསལ་རྡོ་རྗེ་སྙིང་པོ་སོགས་སྨིན་གྲོལ་འཆད་སྤེལ་རྒྱ་ཆེར་གནང་། སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་སོགས་སྐྱེས་ཆེན་མང་པོའི་ཞབས་ལ་བཏུད། ཀཿཐོག་རྒྱལ་སྲས་རིན་པོ་ཆེ་དང་དྲི་མེད་ཞིང་སྐྱོང་མགོན་པོ། ཛཿཀ་དབོན་པོ་སོགས་རྒྱུད་འཛིན་སློབ་མ་མང་དུ་བསྐྱངས་ནས་མཛད་འཕྲིན་མཐར་ཕྱིན་པའོ།

{{#arraymap:ཡུལ་རྩེ་ལྷ་ཁང་མདོ་སྔགས་བཤད་སྒྲུབ་བསྟན་རྒྱས་གླིང་

|; |@@@ | | }}