71837

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུལ་སྟེང་སྤྲུལ་སྐུ་ (1)
Part of speech མིང་ཚིག
Definition ཁམས་གུང་རུ་ཡུལ་སྟེང་སྤྲུལ་སྐུ་ནི། སྐུ་ཕྲེང་གོང་རིམ་ལྟར་འབྲས་སྒོ་མང་ཆོས་གྲྭར་ཞུགས་ནས་གཞུང་ཆེན་ཁག་ལ་ཐུགས་གཉེར་མཐིལ་ཕྱིན་མཛད། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། བར་ཁམས་སུ་བསྟན་འགྲོར་སྨན་ཡོན་ཆེ་བར་བརྟེན། ༸གོང་ས་བཅུ་བཞི་བས་ཚོགས་ཆེན་སྤྲུལ་སྐུའི་མཚན་གནས་དང་གཟེངས་བསྟོད་མཛད། ཕྱི་ལོ་༡༩༥༤ལོར་གཞིས་དགོན་བྱ་ཕུད་དང་ཡུལ་སྟེང་དགོན་དུ་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་སྐྱོང་བའི་མུར་དུས་འགྱུར་སྐབས་རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་ཕྱི་ལོ་༡༩༦༠ལོར་རྒྱ་དམར་གྱིས་སྐུ་ཚེ་འདུ་བྱེད་འཕྲོགས།