71842
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཕྲ་རྒྱས་སྤོང་ཚུལ་བཞིའི་ཡ་གྱལ་ཞིག་སྟེ། ཕྲ་རྒྱས་རང་ཉིད་ཀྱི་དམིགས་ཡུལ་ཕྲ་རྒྱས་དེ་སྤངས་པའི་སྟོབས་ཀྱིས་ཡུལ་ཅན་ཕྲ་རྒྱས་རང་ཉིད་སྤོང་བ་སྟེ། འགོག་པ་མཐོང་སྤང་དུ་གྱུར་པའི་ལོག་ལྟ་ལ་དམིགས་པའི་ལྟ་བ་མཆོག་འཛིན་དེ་རང་གི་དམིགས་ཡུལ་འགོག་པ་མཐོང་སྤང་དུ་གྱུར་པའི་ལོག་ལྟ་དེ་སྤངས་པའི་སྟོབས་ཀྱིས་ཡུལ་ཅན་ལྟ་བ་མཆོག་འཛིན་རང་ཉིད་སྤོང་བ་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། གསུམ་པ་ཡུལ་སྤངས་པས་ཡུལ་ཅན་སྤོང་བ་ནི། ཁམས་གསུམ་གྱི་འགོག་ལམ་མཐོང་སྤངས་ཟག་བཅས་ལ་དམིགས་པ་ལོག་པ་ལ་ལོག་ཞུགས་འདོད་པའི་འགོག་པ་མཐོང་སྤང་བཞི་དང༌། ལམ་མཐོང་སྤང་ལྔ་སྟེ་དགུ་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་བདུན་བདུན་ཏེ་ཉི་ཤུ་རྩ་གསུམ་པོ་རྣམས་ནི། བདེན་པ་ལ་དངོས་སུ་ལོག་ཞུགས་འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པའི་ལོག་ལྟ་སོགས་དམིགས་ཡུལ་དུ་བྱེད་པ་ཡིན་ལ། དེས་ན་དམིགས་ཡུལ་ལོག་ལྟ་སོགས་དེ་དག་སྤངས་པ་ཉིད་ཀྱིས་ཡུལ་ཅན་ལྟ་བ་མཆོག་འཛིན་སོགས་ཀྱང་སྤོང་བར་འགྱུར་ཏེ་ཡུལ་མེད་པའི་ཡུལ་ཅན་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས། |
| Domain | ཆོས་ལུགས། |