71857
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔའི་ནང་གསེས་འདུལ་བ་གཤེན་དྲུག་གི་ཁོངས་ཡིན་ལ། གནས་ནི། དཀྱིལ་འཁོར་དབུས་ཕྱོགས་གླིང་ཆེན་ཕོ་བྲང་གི་ནུབ་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་ཅིར་ཡང་གསལ་བ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་ཤེལ་གྱི་ཐོད་ལྡིང་ཅན། སྐུ་ལ་སྤྲུལ་པའི་ན་བཟའ་ལ་རིན་ཆེན་མཛེས་པའི་ཤམ་ཐབས་ཅན། གཡས་པས་སྐོས་ཀྱི་ཆགས་ཤིང་། གཡོན་པས་ཐུགས་རྗེའི་ལྕགས་ཀྱུ་བསྣམས་སོ། །ཕྲིན་ལས་ནི། ཐུགས་རྗེའི་ཐབས་ཀྱིས་འགྲོ་བ་ལྷ་རྣམས་འདུལ་བར་མཛད་པའོ། །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་མ་ལེ་འདུ་འདུ་ཕ། ཞེས་པའམ་ཕ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། མ་ལེ་ནི་ཀློང་། ཕ་ནི་ལྷ་འདི་ཉིད་མཚོན་པའོ། །ཡིག་འབྲུ་ལྷ་སྐུའི་གནས་ཡུལ་ནི། ལུས་ཀྱི་སྤྱི་གཙུག་ཏུའོ། །བྱེད་ལས་ནི། ལྷ་འདི་བསྐྱེད་པའི་ས་བོན་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་བརྩོན་འགྲུས་བླ་མེད་ཀྱི་ས་དང་འདུལ་གཤེན་ཡེ་ཤེས་གཙུག་ཕུད་ཀྱི་སྐུ་རུ་འཐོབ་ལ། མ་རྟོགས་ན་རྒྱུ་དྲུག་བར་དོར་འཁྲུལ་ལ་ཞིང་དུ་སྒྱུ་མ་ཤར་བར་གསུངས་སོ། །དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། ། |
| Domain | ཆོས་ལུགས། |