71858
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་སྟེ་དྲི་མེད་ལྷ་ལྔ་ཡབ་ཡུམ་ལས་ཡེ་ཤེས་སྒོ་བ་བཞིའི་ནང་གསེས་ཡིན་ལ། སྐུའི་ཆ་བྱད་ནི། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་སྐུ་ལ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ། གཡས་པས་ཆགས་ཤིང་དང་གཡོན་པས་ལྕགས་ཀྱུ་བསྣམས་པ་ཞིག་གོ ། ལྷ་སྐུའི་བསྐྱེད་གནས་ནི། པུར་ལང་རྩ་འདུས་ཞེས་པས་མིག་གི་རྩ་ལའོ། །ལྷ་འདི་ཉིད་ཞི་བ་གཡུང་དྲུང་ཡོངས་རྫོགས་དང་གསང་འདུས་དོན་རྒྱུད་དག་ལས་ཞི་བའི་ལྷ་ཚོགས་ཀྱི་ཁོངས་སུ་གསལ་པོར་མི་སྣང་ལ། འདིར་ཐོས་གྲོལ་ལྟར་དུ་བཀོད་ཡོད་པས་དེ་ཉིད་ལས་འདིའི་ཕྱག་རྒྱའི་ཡུམ་ནི། དུས་བཞིའི་རྒྱལ་མོ་བཞི་ལས་སྟོན་གྱི་རྒྱལ་མོར་གསུངས་སོ། ། |
| Domain | ཆོས་ལུགས། |