71859

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་གཤེན་ཐང་མ་མེ་སྒྲོན་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔའི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་ལྷོ་ཤར་རིན་ཆེན་སྤུངས་པའི་ལྷོ་ཕྱོགས་ལ། གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་ཟངས་ཀྱི་ཟེ་པྲོག་སྐུ་ལ་མེ་འོད་འབར་བས་བརྒྱན་པ། གཡས་པས་སྣང་གསལ་སྒྲོན་མེ་གཡོན་པས་རིན་ཆེན་མྱུ་གུ་བསྣམས་སོ། །ཕྲིན་ལས་ནི། ཐུགས་རྗེའི་ཐབས་ཀྱིས་མ་རིག་མུན་པ་སེལ་བར་མཛད་པའོ། །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷང་ངེ་འདུ་འདུ་ཐ། ཞེས་པའམ་ཐ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷང་ངེ་ནི་ཡེ་ཤེས། ཐ་ནི་ལྷ་འདི་ཉིད་མཚོན་པ་བཅས་སོ། །གནས་ཡུལ་ནི། པུར་ལང་ཞེས་པ་ཞང་སྐད་དེ་མིག་གམ་མིག་རྩ་ལའོ། །ཡིག་འབྲུའི་བྱེད་ལས་ནི། ལྷ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །དེའི་དོན་ལ་གྲོལ་འཁྲུལ་གྱི་དགེ་སྐྱོན་ནི། རྟོགས་ན་ཀུན་རིག་གསལ་བའི་དབྱིངས་སུ་རྟོགས་པ་དང་མ་རྟོགས་ན་སྒྱུ་མ་ཟས་སུ་འཁྲུལ་ལ། གྲོལ་ན་ཐིག་ལེ་དབྱིངས་གསལ་གྱི་ངང་དུ་མུན་སེལ་སྒྲོན་མ་དང་གཉིས་སུ་མེད་པར་འགྱུར་ལ། མ་གྲོལ་ནའང་ཆུ་བུར་མིག་ཏུ་ཤར་བར་གསུངས་སོ། ། འདི་ལ་གཞུང་རྣམས་སུ་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསུངས་པ་མཐུན་ཡང་ཡབ་ཡུམ་སྦྱོར་ཚུལ་ལ་མ་མཐུན་པ་འདུག་པས། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་ལྟར་ན། འདིའི་ཕྱག་རྒྱའི་ཡུམ་ནི། སྨན་གྱི་ལྷ་མོ་ཡིན་པར་བཤད་ལ། གསང་འདུས་དང་ཐོས་གྲོལ་གཉིས་ལས་གཟུགས་ཀྱི་ལྷ་མོ་རུ་གསུངས་སོ། །
Domain ཆོས་ལུགས།