71860

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་གཤེན་བ་རབ་གླིང་བཞི་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔའི་ནང་གསེས་འབྱུང་བའི་གཤེན་བཞིའི་ཁོངས་སུ་ཡིན་ལ། གནས་ནི། དཀྱིལ་འཁོར་ཕོ་བྲང་གླིང་ཆེན་རབ་འབྱམས་ཀྱི་ལྷོ་ཤར་རིན་ཆེན་སྤུངས་པའི་གསས་མཁར་གྱི་དབུས་ཕྱོགས་ལ། གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་གསེར་གྱི་པྲོག་ཞུ་ཅན། སྐུ་ལ་མེན་ཤེལ་རལ་ག་ལ་གཡུང་དྲུང་འོད་ཀྱིས་བརྒྱན་པ་གསོལ་ཞིང་། གཡས་པས་གསེར་གྱི་པོར་ཐང་བསྣམས་ཤིང་གཡོན་པས་ས་གཞིའི་མཐིལ་ཡང་གནོན་པའོ། །(ཐོས་གྲོལ་ལས་༥༩༧། གཡས་ན་གཡུང་དྲུང་གཡོན་ན་ཤུག་ཏི་་་ཞེས་སོ། ) ཕྲིན་ལས་ནི། ཐུགས་རྗེའི་གདུལ་ཞིང་སྟོང་གསུམ་ས་གཞི་བསྐྱེད་ཅིང་མི་འཇིག་བརྟན་པར་མཛད་པའོ། །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷང་ངེ་འདུ་འདུ་ཧཱུྃ། ཞེས་པའམ་ཧཱུྃ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷང་ངེ་ནི་ཡེ་ཤེས། ཧཱུྃ་ནི་ལྷ་འདི་ཉིད་མཚོན་པའོ། །གནས་ཡུལ་ནི། ལུས་ཀྱི་བཅུད་འདུས་ཚིགས་ལའོ། །བྱེད་ལས་ནི། ལྷ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ཡེ་བརྟན་དབྱིངས་ཤེས་དབྱེར་མེད་དང་བདུད་རྩི་གྲུབ་པ་དང་མི་ནུབ་རྒྱལ་མཚན་གཉིས་སུ་མེད་པའི་སྐུ་རུ་འཐོབ་ལ། མ་རྟོགས་ན་སྒྱུ་མའི་ཤ་གཟུགས་ཀྱི་ལུས་སུ་འཁྲུལ་ཞིང་ཤར་བར་གསུངས་སོ། ། འདི་ལ་གཞུང་རྣམས་སུ་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསུངས་པ་མཐུན་ཡང་ཡབ་ཡུམ་སྦྱོར་ཚུལ་ལ་མ་མཐུན་པ་འདུག་པས། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་ལྟར་ན། འདིའི་ཕྱག་རྒྱའི་ཡུམ་ནི། དབྱར་གྱི་རྒྱལ་མོ་ཡིན་པར་བཤད་ལ། གསང་འདུས་དང་ཐོས་གྲོལ་གཉིས་ལས་རེག་བྱའི་ལྷ་མོ་ཡིན་པར་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཡེ་གཤེན་བ་རབ་གླིང་བཞི་

|; |@@@ | | }}