71861

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་གཤེན་བ་རབ་གླིང་རྩོལ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔའི་ནང་གསེས་འབྱུང་བའི་གཤེན་བཞིའི་ཁོངས་སུ་ཡིན་ལ། གནས་ནི། དཀྱིལ་འཁོར་ཕོ་བྲང་གླིང་ཆེན་རབ་འབྱམས་ཀྱི་བྱང་ཤར་རིན་ཆེན་མཛེས་པའི་དབུས་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་མཐིང་ཀ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་གཡུ་ཡི་ཐོར་གཙུག། སྐུ་ལ་རླུང་གི་གོ་ཟུ་ལ་གཡུ་བྲན་མཛེས་པས་བརྒྱན་པ་གསོལ་ཞིང་། གཡས་པས་གཡུ་ཡི་རྔ་གཤང་བསྣམས་ཤིང་གཡོན་པས་རླུང་གིས་འཁོར་ལོ་བསྐོར་བའོ། །ཕྲིན་ལས་ནི། རླུང་ལ་མངའ་བརྙེས་པས་ཐུགས་རྗེའི་ཐབས་ཀྱིས་གདུལ་ཞིང་སྟོང་གསུམ་འདེགས་པའི་རླུང་གི་བྱེ་བྲག་སོ་སོར་འབྱེད་ཅིང་རླུང་ལ་དབང་སྒྱུར་བར་མཛད་པའོ། །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷང་ངེ་འདུ་འདུ་ཧཱུྃ། ཞེས་པའམ་ཧཱུྃ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷང་ངེ་ནི་ཡེ་ཤེས། ཧཱུྃ་ནི་ལྷ་འདི་ཉིད་མཚོན་པའོ། །གནས་ཡུལ་ནི། མགྲིན་པའི་རྩ་ལ་གནས་སོ། །བྱེད་ལས་ནི། ལྷ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། རྟོགས་ན་ཀུན་གྲགས་ཡེ་ཤེས་དབྱིངས་སུ་དག་པ་དང་མ་རྟོགས་ན་སྒྲ་ཚིག་ངག་ཏུ་འཁྲུལ་ལ། གྲོལ་ན་གཡུང་དྲུང་འོད་གསལ་དང་ཐུགས་རྗེ་འདྲེན་པའི་ཡུམ་དང་གཉིས་སུ་མེད་པར་འགྱུར་ལ། མ་གྲོལ་ནའང་བཏགས་པའི་མིང་དུ་ཤར་བར་གསུངས་སོ། ། འདི་ལ་གཞུང་རྣམས་སུ་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསུངས་པ་མཐུན་ཡང་ཡབ་ཡུམ་སྦྱོར་ཚུལ་ལ་མ་མཐུན་པ་འདུག་པས། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་ལྟར་ན། འདིའི་ཕྱག་རྒྱའི་ཡུམ་ནི། སྟོན་གྱི་རྒྱལ་མོ་ཡིན་པར་བཤད་ལ། གསང་འདུས་དང་ཐོས་གྲོལ་གཉིས་མཐུན་ཏེ་དེ་གཉིས་ལས་མཛེས་པའི་ལྷ་མོ་དང་གསུང་གི་ལྷ་མོ་ཞེས་མིང་ཙམ་དུ་སོ་སོ་སྨོས་ནའང་དེ་གཉིས་གཅིག་ཡིན་པས་སོ། །
Domain ཆོས་ལུགས།

{{#arraymap:ཡེ་གཤེན་བ་རབ་གླིང་རྩོལ་

|; |@@@ | | }}