71863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་གཤེན་ལྡེ་བོ་གསུང་ཆེན་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔའི་ནང་གསེས་འབྱུང་བའི་གཤེན་བཞིའི་ཁོངས་སུ་ཡིན་ལ། གནས་ནི། དཀྱིལ་འཁོར་ཕོ་བྲང་གླིང་ཆེན་རབ་འབྱམས་ཀྱི་ལྷོ་ནུབ་རིན་ཆེན་འཁྱིལ་པའི་དབུས་ཕྱོགས་ལ། གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྒྱན་དང་ལྡན་པ་དབུ་ལ་གསེར་གྱི་ཅོད་པན་སྐུ་ལ་ཆུ་དར་ན་བཟའ་གསོལ་བ། གཡས་པས་གསེར་གྱི་གཤང་ཆུང་(ཆེན་་་ཐོས་གྲོལ་༥༩༩)དང་། གཡོན་པས་གཡུ་ཡི་སྤོར་ཐང་(པོ་ཏི་་་ཐོས་གྲོལ་༥༩༩་)བསྣམས་སོ། །ཕྲིན་ལས་ནི། ཆུ་ལ་མངའ་བསྙེས་པས་སྟོང་གསུམ་གྱི་སྐྱེ་འགྲོ་གསོ་བའི་ཕྲིན་ལས་མཛད་པའོ། །ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་ས་ལེ་ལྷང་ངེ་འདུ་འདུ་ཧཱུྃ། ཞེས་པའམ་ཧཱུྃ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷང་ངེ་ནི་ཡེ་ཤེས། ཧཱུྃ་ནི་ལྷ་འདི་ཉིད་མཚོན་པ་བཅས་སོ། །ཡིག་འབྲུའི་བྱེད་ལས་ནི། ལྷ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །དེའི་དོན་ལ་གྲོལ་འཁྲུལ་གྱི་དགེ་སྐྱོན་ནི། གསང་འདུས་ལྟར་ལྷ་ཡབ་ཡུམ་སྦྱོར་ཚུལ་གྱི་དབང་དུ་བྱས་ན། རྟོགས་ན་ཀུན་གྲོལ་ཡེ་ཤེས་དབྱིངས་སུ་དག་པ་དང་། མ་རྟོགས་ན་སྒྱུ་མ་རོ་རུ་འཁྲུལ་ལ། གྲོལ་ན་བྱམས་པ་སྤོས་ངད་དང་དུག་སེལ་སྨན་བདག་དང་གཉིས་སུ་མེད་པར་འགྱུར་ལ། མ་གྲོལ་ནའང་གདོས་པའི་ལྕེ་རུ་ཤར་བར་གསུངས་སོ། །དེ་ཡང་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། ། ལྷ་འདི་ཉིད་ལ་གཞུང་རྣམས་སུ་ཡབ་ཡུམ་སྤྱོར་ཚུལ་དང་ལྷ་སྐུ་དང་ཡིག་འབྲུའི་བསྐྱེད་གནས་ལ་མ་མཐུན་པ་འདུག་པས། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་ལྟར་ན། འདིའི་ཕྱག་རྒྱའི་ཡུམ་ནི་དཔྱིད་ཀྱི་རྒྱལ་མོ་ཡིན་ལ། གསང་འདུས་ལྟར་ན། རོ་ཡི་ལྷ་མོ་རུ་གསུངས། ཐོས་གྲོལ་ལྟར་ན། གཏེར་འཛིན་ལྷ་མོ་ཡིན་པར་གསུངས་སོ། །ལྷ་སྐུ་དང་ས་བོན་ཡིག་འབྲུའི་ཀྱི་བསྐྱེད་གནས་ནི། གསང་འདུས་ལྟར་ན། མཁའ་ལྡིང་ཟེ་བའི་རྩ་མདུད་ཅེས་པ་ལྕེ་རྩ་ལ་གནས་པར་གསུངས་ལ། ཐོས་གྲོལ་ལྟར་ན། གཡས་དཀར་དྭངས་བསྐྱེད་ཅེས་པ་རྩ་གཡས་དཀར་ལ་གནས་པར་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཡེ་གཤེན་ལྡེ་བོ་གསུང་ཆེན་

|; |@@@ | | }}