71864

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་གཤེན་སྣང་བ་མདོག་ཅན་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་བཞི་བཅུ་ཞེ་ལྔ་ལས་ཡེ་གཤེན་སེམས་དཔའ་བརྒྱད་ཀྱི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་ཕོ་བྲང་གླིང་ཆེན་རབ་འབྱམས་ཀྱི་ལྷོ་ནུབ་རིན་ཆེན་བདལ་པའི་ཤར་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་འོད་ཀྱི་པྲོག་ཞུ། སྐུ་ལ་རིན་ཆེན་དཔྱང་བུ་ལ་རིན་ཆེན་གསེར་གྱི་ཆོ་(ཞི་ཁྲོ་ཅན་ལས་༣༤༥་་་མདོ་་་ཞེས་)ལོ་རིས་ཅན་གསོལ་བ། གཡས་པས་ཐབས་ཀྱི་ཞགས་པ་དང་གཡོན་པས་མཛེས་པའི་མེ་ཏོག་བསྣམས་སོ། །ཐོས་གྲོལ་ལྟར་ན་འདིའི་ཡུམ་རོ་ཡི་ལྷ་མོ་རུ་གསུངས་ཀྱང་། གསང་འདུས་ལྟར་ན་ཕྱག་རྒྱའི་ཡུམ་ནི་ཡིད་ཀྱི་ལྷ་མོ་རུ་བཞེད་དོ། །ཕྲིན་ལས་ནི། ཐུགས་རྗེའི་ཐབས་ཀྱིས་འགྲོ་དོན་ཀུན་ལ་ཁྱབ་པར་མཛད་པའོ། ། ལྷ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་ས་ལེ་ལྷང་ངེ་འདུ་འདུ་ཤ། ཞེས་པའམ་ཤ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷང་ངེ་ནི་ཡེ་ཤེས། ཤ་ནི་ལྷ་འདི་ཉིད་མཚོན་པ་བཅས་སོ། །བྱེད་ལས་ནི། ལྷ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། གོང་གསལ་གསང་འདུས་ལྟར་ལྷ་ཡབ་ཡུམ་སྦྱོར་ཚུལ་དེའི་དབང་དུ་བྱས་ན། རྟོགས་ན་ཀུན་ཁྱབ་ཡེ་ཤེས་དབྱིངས་སུ་དག་པ་དང་མ་རྟོགས་ན་སྒྱུ་མ་ཡིད་དུ་འཁྲུལ་ལ། གྲོལ་ན་བྱམས་ལྡན་འཇམ་པ་དང་ཕྱག་རྒྱ་བསྒྱུར་བ་དང་གཉིས་སུ་མེད་པར་འགྱུར་ལ། མ་གྲོལ་ནའང་འཁོར་བའི་བོན་དུ་ཤར་བར་གསུངས་སོ། །ཞི་རྒྱུད་ནང་ལྷ་ཚོགས་ཀྱི་སྐུ་བསྟོད་སྐབས་སུ། འདི་ལ་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་མ་གསལ་ཡང་། གསང་འདུས་དང་ཐོས་གྲོལ་གཉིས་ལས་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསུངས་ཀྱང་། ཡབ་ཡུམ་སྤྱར་ཚུལ་དང་ལུས་གནས་ལ་བསྐྱེད་ཚུལ་མ་མཐུན་པ་ཡོད་འདུག་པས། གསང་འདུས་ལྟར་ན། འདི་ཉིད་ཀྱི་ཕྱག་རྒྱའི་ཡུམ་ནི། གར་གྱི་ལྷ་མོ་རུ་བཞེད་དོ། །མིང་གི་རྣམ་གྲངས་སུ་བོན་གྱི་ལྷ་མོ་དང་ཡིད་ཀྱི་ལྷ་མོ་ཞེས་སོ། །ཐོས་གྲོལ་ལྟར་ན། རོ་ཡི་ལྷ་མོ་ཡིན་པར་གསུངས་སོ། །ས་བོན་ཡིག་འབྲུ་སོགས་ལུས་ཀྱི་བསྐྱེད་གནས་ནི། གསང་འདུས་ལྟར་ན། མང་རུམ་མདུད་ཅེས་པ་རྩ་གཡོན་དམར་ལ་གནས་པར་གསུངས་ལ། སྐོང་རྫོགས་དང་ཐོས་གྲོལ་ལྟར་ན། ལྕེ་རྩ་ལ་གནས་པར་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཡེ་གཤེན་སྣང་བ་མདོག་ཅན་

|; |@@@ | | }}