71869

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་དབྱིངས་རྟེན་གཏོར་ (1)
Part of speech མིང་ཚིག
Definition བོན། སྔགས། བྱ་རྒྱུད། ཕྱི་རྒྱུད་ཆོ་གར་གཏོགས་པའི་ཡེ་དབྱིངས་སམ་དགེ་བསྙེན་ཆོ་གའི་ལྷའི་རྟེན་གཙོ་ཡིན། རྒྱུ་དང་བསྲེ་རྫས་སོགས་འབྲུ་དཀར་གྱི་ཕྱེ་སོགས་ལ་སྨན་སྣ་བཏབ་ནས་བཅའ་ཡོད། བཅའ་སྟངས་ནི། ཡི་དམ་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། དགེ་བསྙེན་ཆོ་ག་ལ། ལྷ་བཤོས་ལྔ་གྲལ་དུ་བཀོད། ཅེས་དང་། བོན་སྒོ་བཞི་མཛོད་ལྔའི་ཕྱི་ནང་གསང་གསུམ་གྱི་རྟེན་གཏོར་བཅའ་ཐབས་ལས། གཏོར་མ་ཟླུམ་པོ་གཅིག་ལ་རྣམ་ལྔ་བཅུ་གཅིག་གིས་བསྐོར། ཞེས་སོ། །མཐུན་རྗས་ནི། དཀར་མངར་ཀྱི་རྫས་དང་། སྨན་སྣ། སྤོས་སྣ། རིན་ཆེན་རིགས། འབྱུང་བའི་སྙིང་པོ། དར་ཟབ་མེ་ཏོག་སོགས་ཀྱིས་བརྒྱན་ཞིང་མཛེས་པར་བྱ་སྟེ། གསང་སྔགས་རྫོང་འཕྲང་ལས། ཕྱིའི་གཏོར་མའི་གཞི། དཀར་སུམ། མངར་སུམ། སྨན་ལྔ། སྤོས་ལྔ། རིན་ཆེན་ལྔ། སྙིང་པོ་ལྔ། ཞེས་དང་། མེ་ཏོག་མཛེས་པར་བྱ། ཞེས་དང་། གསང་སྔགས་དབང་ཆེན་གཏོར་མའི་གལ་བྱང་ལས། དེ་ལྟར་བཅས་པའི་གཏོར་མ་ལ་གོང་གི་འཁོར་ལོ་གདུགས་སུ་ཕུབ། མཛེས་པའི་དར་གྱིས་ཡོལ་བར་བྱ། ཞེས་སོ། །
Domain ཆོས་ལུགས།

{{#arraymap:ཡེ་དབྱིངས་རྟེན་གཏོར་

|; |@@@ | | }}