71873
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། མཐར་ཐུག་གི་ལྟ་བ་དོན་དམ་པའི་བདེན་པ་སྨྲ་བསམ་བརྗོད་འདས་དེའམ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དེ་ཡིན་ལ། དེ་ཡང་ཡེ་ནས་གསང་བར་གྱུར་པའི་དོན་ནི། འཁོར་བའི་སེམས་ཅན་རྣམས་ལ་ཐོག་མ་ནས་རང་ཆས་སུ་ཡོད་ཀྱང་རྨོངས་པའི་དབང་གིས་ངོ་མ་འཕྲོད་པའམ་རྟོགས་པར་མ་ནུས་པའི་དོན་ནོ། །དེ་ཉིད་ལ་ཡང་སྨྲ་བསམ་བརྗོད་འདས་སུ་གསུངས་པའི་དོན་ནི། དོན་དམ་གཤིས་ཀྱི་འདུག་ཚུལ་ལམ་དེ་ཉིད་ཉམས་མྱོང་རིག་པའི་མྱོང་ཚུལ་ལམ་མྱོང་བའི་སྐབས་ལ་ལྟོས་ཏེ་གསུངས་པར་མངོན་ཏེ། ཀུན་འདུས་རིན་ཆེན་རྩ་རྒྱུད་ལས། དིག་མའི་རྨི་ལམ་ལྟ་བུར་རྫོགས། ཞེས་གསུངས་པས། ལྟ་བ་དེ་ཉིད་ཉམས་སུ་མྱོང་མཁན་དེ་ལ་མྱོང་བ་ཐོན་ཡང་མྱོང་བའི་སྐབས་སུའང་དེའི་ངང་ཚུལ་གཞན་ལ་སྨྲ་བ་སོགས་མི་ནུས་པ་ནི། |
| Example | དིག་མ་སྟེ་བུད་མེད་ལྐུགས་མ་ལ་རྨི་ལམ་གྱི་མྱོང་བ་ཡོད་ཀྱང་དེའི་ཚུལ་གཞན་ལ་སྨྲ་བར་མི་ནུས་པ་བཞིན་ཡིན་པར་གསུངས་སོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |