7189

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏོར་མ་ (1)
Part of speech མིང་ཚིག
Definition བསྟན་འགྱུར་རྒྱུད་འབུམ་ཙི་པར་བཞུགས།
གཏོར་མ་ (2)
Part of speech མིང་ཚིག
Definition བཀའ་འགྱུར་རྒྱུད་འབུམ་ག་པར་བཞུགས།
གཏོར་མ་ (3)
Part of speech མིང་ཚིག
Definition མཆོད་སྦྱིན་དུ་འབུལ་རྒྱུའི་ཟན་གྱི་གོང་བུ། སྒྲ་བཤད་ནི། ཅིའི་ཕྱིར་གཏོར་མ་ཞེས་བྱ་ཞེ་ན། སེམས་པ་འཛིན་ཆགས་མེད་པར་གཏོར་བས་ན་གཏོར། མགྲོན་རྣམས་ཀྱི་སྤྱན་ལམ་དུ་ཁྱབ་པས་ན་མ་ཞེས་བྱའོ། །དེ་ལྟར་ཡང་སློབ་དཔོན་པདྨས། མི་འཛིན་གཏོང་བས་གཏོར་ཞེས་བྱ། །ཡོངས་ལ་ཁྱབ་པས་མ་ཞེས་བ་བྱ། ཞེས་གསུངས་སོ། །ཡང་ན་སྒྲ་བཤད་ནི། གཏོར་མ་ནི་འབྱུང་པོ་སོགས་ཀྱི་ཆེད་དུ་ས་ཕྱོགས་གཙང་མར་གཏོར་བའམ་དོར་བའི་བཟའ་བ་ཡིན་པས་དེ་སྐད་ཅེས་བཏགས། ལུང་ཕྲན་ཚེགས་ཀྱི་འགྲེལ་བར་གཞིར་བྱས།
Domain ཆོས་ལུགས།