719
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བརྒྱད་པའི་མེ་བྱི་ ༡༤༥༦ ལོ་ཙམ་ལ་འཁྲུངས། མཚན་དངོས་ལ་ངག་དབང་ཆོས་རྒྱལ་ཟེར། བཟོ་རིག་པ་དང༌། སྒྲ་རིག སྙན་ངག སྡེབ་སྦྱོར་སོགས་ལ་མཁས་པར་སྦྱངས། སློབ་མ་དང་སློབ་རྒྱུན་ཧ་ཅང་མང་། སི་ཏུ་ཆོས་ཀྱི་གོ་ཆ་དང༌། རྒྱལ་ཚབ་གྲགས་པ་དོན་གྲུབ་གཉིས་ཀྱི་ཡོངས་འཛིན་མཛད། དགུང་ལོ་ཞེ་གཉིས་པ་རབ་བྱུང་བརྒྱད་པའི་མེ་སྦྲུལ་ཕྱི་ལོ་ ༡༤༩༧ ལོར་དག་ཡིག་ངག་སྒྲོན་བརྩམས། རབ་བྱུང་དགུ་པའི་ས་ཕག་ཕྱི་ལོ་ ༡༥༣༩ ལོ་བར་དགུང་ལོ་གྱ་བཞི་བཞུགས། གཞན་ཀརྨ་ཤིང་རྟ་དང་རྡོ་རྗེ་ཉི་མའི་སྣང་བ་སོགས་བརྩམས། ཀརྨ་པ་སྐུ་ཕྲེང་བརྒྱད་པའི་དགོངས་དོན་དབུ་མ་ཐལ་འགྱུར་དུ་འགྲེལ་བར་མཛད། གཞན་ཡང་མངོན་བརྗོད་པདྨ་དཀར་པོའི་ཕྲེང་བ། སྙན་ངག་གི་འགྲེལ་པ་དང་དཔེར་བརྗོད་རབ་གསལ་བཀླགས་པས་ཀུན་ཤེས་ལེ་ཚན་གསུམ། ཆབ་ཤོག་སྙན་ངག་གི་སྐོར། དབང་གི་རྣམ་བཤད་ཆེན་མོ། ཀྱཻ་རྡོ་རྗེའི་རྒྱུད་འགྲེལ་བཅས་ཡོད། མཚན་གཞན། དཔལ་སྒང་ལོ་ཙཱ་བ། ཀརྨ་འཕྲིན་ལས་གཉིས་པ། |