71902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོང་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོང་ནི། ཡིད་ཀྱི་མུན་སེལ་ལས། ཐབས་ཀྱི་ལྷ་རེ་རེ་ལའང་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་བསྒོམ་པས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ལྷ་བརྒྱ་ཉི་ཤུ། གོང་གི་ཐབས་དང་ཤེས་རབ་ཀྱི་ལྷ་བརྒྱད་ཅུ་སྟེ་ཉིས་བརྒྱ་ལ། རང་རང་གི་རིགས་ཀྱི་གཙོ་བྱས་པའི་དབུ་རྒྱན་གྱི་ལྷ་ལྔ་རེ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོང་ངོ་། །དེའང་ཐབས་ཀྱི་ལྷ་ལ་དབུ་རྒྱན་བགྲངས་ཤིང་ཤེས་རབ་ལ་མི་བགྲང་བས། ཐབས་ཀྱི་ལྷ་བཞི་བཅུ། སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ། དེ་རེ་རེ་ལ་དབུ་རྒྱན་ལྔ་ལྔ། དེའི་སྟེང་དུ་ཤེས་རབ་ཀྱི་ལྷ་བཞི་བཅུ་བསྣན་པས་སྟོང་དུ་འགྱུར་ཏེ། (རྩ་རྒྱུད་གསང་སྙིང་)འདི་ཉིད་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །ཞེས་དང་། (སྒྱུ་འཕྲུལ་རྒྱས་པ་)སྔ་མ་ལས། སྟངས་དཔྱལ་གཉིས་ཀྱི་ཕྱག་རྒྱ་དང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། །རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། །དཔེ་བྱད་མཚན་གྱིས་སྤྲས་པའོ། །ཞེས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།