71904

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ཀྱི་དྲིལ་བུ་ (1)
Part of speech མིང་ཚིག
Definition ཡེ་ཤེས་ཀྱི་དྲིལ་བུ་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཁོང་སྟོང་སྒྲ་ནི་ཟད་པ་སྟེ། །དགའ་བ་ཀུན་གྱི་རོ་ནི་འཛིན། །ཨུཏྤལ་ཀུ་མུ་ཏ་ཉིད་དང། །རིན་ཆེན་པདྨས་ཉེ་བར་བརྒྱན། །ཞེས་དང། ཡེ་ཤེས་རྗེར་དང་ཟུང་དུ་གྱུར་བའི་དྲིལ་བུ་ནི། །རྡོ་རྗེ་ལྟ་བུར་རྩེ་མོ་དགུ་པ་དེ་བཞིན་ནོ། །ཞེས་གསུངས་པས་སོ། །ཁོག་པའི་ལོགས་ཀྱི་དྲ་བའི་དཀྱིལ་རྣམས་སུ། ཤར་དུ་ཀུ་མུ་ཏ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་ཨུཏྤལ་རྣམས་ཀྱི་སྤྲས་ཤིང་གཞན་སྔར་བསྟན་པ་ལྟར་གྱི་མཚན་ཉིད་ཐམས་ཅད་དང་ལྡན་པའི་དབུ་རྡོ་རྗེ་ཕྱེད་པ་རྩེ་དགུ་པས་བརྒྱན་པའོ། །དེ་ཉིིད་ཀྱི་དགོས་པའང། མཁའ་འགྲོར། ཞི་རྒྱས་སོགས་ལས་རྣམས་ཐམས་ཅད་སྒྲུབ་པར་བྱེད་ཅིང་། །དངོས་གྲུབ་འཇིག་རྟེན་ལས་འདས་པའི་མཆོག་ནི་སྟེར་བ་བྱེད། །ཅེས་གསུངས་པས་ཤེས་སོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོ་དྲིལ་རྣམ་བཤད་སྔགས་གཅེས་ནོར་ལས་སོ། །
Domain ཆོས་ལུགས།