71906

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ཀྱི་ནོར་བསྒྲིམས་ཏེ་སྒྲུབ་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་ལ་འཇུག་པའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ ལེགས་པའི་ནན་ཏན་གྱི་སྦྱོར་བ་ལ་མཁས་པའི་རིན་པོ་ཆེ་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ༢ དམ་པའི་ཆོས་ལ་ཤིན་ཏུ་གུས་པར་སྒྲིམ་པའི་སེམས་ལ་གནས་པར་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། ༣ བདེན་པའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། ༤ ཡང་དག་པར་ཟབ་ཅིང་བརྟན་པ་ལ་རྩེ་བ་དང་བཅས་པའི་རྒྱ་མཚོའི་རིན་པོ་ཆེའི་རྫས་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ༥ མངོན་པར་དགའ་བ་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ༦ ཡེ་ཤེས་ཀྱི་སྟོབས་རབ་ཏུ་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ༧ མངོན་པར་རྒྱུ་བ་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ༨ མངོན་པར་དགའ་བ་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ༩ ལུས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། ༡༠ མཁས་པ་དང་། གཙང་སྦྲ་དང་། ངེས་པ་དང་། བརྟུལ་ཞུགས་དང་། ཉེ་བར་གནས་པ་ལ་བསྒྲིམས་ཏེ་སྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། །
Domain ཆོས་ལུགས།