71908
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ལས་བྱུང་བ་སྟེ། ༡ ཆོས་རྣམས་ཀྱི་ལེགས་ཉེས་རབ་ཏུ་རྣམ་པར་འབྱེད་པ། ༢ ནག་པོ་དང་། དཀར་པོའི་ཆོས་ཡོངས་སུ་མི་སྤོང་ཞིང་ཡང་དག་པར་སྡུད་པར་བྱེད་པ། ༣ འཁོར་བ་དང་། མྱ་ངན་ལས་འདས་པ་དག་ལ་ཡོངས་སུ་མི་སྐྱོ་ཞིང་མངོན་པར་མི་དགའ་བ། ༤ བསོད་ནམས་དང་། ཡེ་ཤེས་ཀྱི་སྤྱོད་པ་དང་ལྡན་པས་མཐར་ཐུག་པའི་གནས་སུ་ཕྱིན་པར་གྱུར་པ་དང་། དབང་བསྐུར་བ་མཆོག་ཐོབ་པ། ༥ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་པ་གང་ཡིན་པའོ། ། |
| Domain | ཆོས་ལུགས། |