71915
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་མངོན་ཤེས་ཀྱིས་མ་འོངས་པའི་སེམས་ཅན་གྱི་སྐྱེ་གནས་དུས་གཅིག་ལ་ཤེས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་ཀྱིས་འདས་པའི་སེམས་ཅན་གྱི་སྐྱེ་གནས་དུས་གཅིག་ལ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་ཀྱིས་ད་ལྟའི་སེམས་ཅན་གྱི་སྐྱེ་གནས་དུས་གཅིག་ལ་ཤེས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་ཀྱིས་མ་འོངས་པའི་སེམས་ཅན་རྣམས་ཀྱི་འཆི་འཕོ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་ཀྱིས་འདས་པའི་སེམས་ཅན་རྣམས་ཀྱི་འཆི་འཕོ་ཤེས། མི་གནས་པའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་ཀྱིས་ད་ལྟའི་སེམས་ཅན་རྣམས་ཀྱི་འཆི་འཕོ་ཤེས་པའོ། ། |
| Domain | ཆོས་ལུགས། |