From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡེ་ཤེས་ཀྱི་ཚོགས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཚོགས་གཉིས་ཀྱི་ཡ་གྱལ། དམིགས་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་ཏེ་སྟོང་ཉིད་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་འབྲས་བུ་ཡེ་ཤེས་ཆོས་སྐུ་ཐོབ་པར་བྱེད་པའི་ཟག་མེད་ཀྱི་དགེ་བའི་ཚོགས།
|
| Domain
|
ཆོས་ལུགས།
|
ཡེ་ཤེས་ཀྱི་ཚོགས་ (2)
| Part of speech
|
མིང་ཚིག
|
| Definition
|
གཙོ་བོ་སངས་རྒྱས་ཀྱི་ཆོས་སྐུ་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ཡེ་ཤེས་སམ་ཤེས་རབ་ཀྱི་ཆར་གཏོགས་པའི་རྣམ་དཀར་དགེ་བའི་ཚོགས་ཤིག་ལ་ཡེ་ཤེས་ཀྱི་ཚོགས་ཞེས་བརྗོད། དེའི་བྱེད་ལས་ནི་རང་རྒྱུད་ལྡན་གྱི་གང་ཟག་དེ་ཤེས་རབ་འཕེལ་བར་བྱེད་ཅིང་འབྲས་བུ་ཆོས་སྐུ་འབྱིན་པར་བྱེད་པའོ། །མཚན་གཞི་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་མཐོང་ལམ་ལྟ་བུའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ནི་འགལ་བ་ཡིན་ཏེ། ཐབས་ཤེས་གཉིས་འགལ་བའི་ཕྱིར། གཙོ་བོ་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་དང་གཙོ་བོར་ཆོས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་གཉིས་འགལ་བའི་ཕྱིར་རོ། །
|