From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་བའི་བཟོད་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ ཆོས་ཚོལ་བ་ལ་བརྩོན་པས་ངན་དུ་བརྗོད་པ་དང་། ངན་དུ་སྨྲ་བའི་ཚིག་གི་ལམ་བཟོད་པ། ༢ ཆོས་ཚོལ་བ་ལ་བརྩོན་པས་རླུང་དང་། ཉི་མ་དང་། གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་བཟོད་པ། ༣ ཆོས་ཚོལ་བ་ལ་བརྩོན་པས་མཁན་པོ་དང་། སློབ་དཔོན་དང་མཐུན་པར་འཇུག་པའི་བཟོད་པ། ༤ ཆོས་ཚོལ་པ་ལ་བརྩོན་པས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ལ་བཟོད་པའོ། །
|
| Domain
|
ཆོས་ལུགས།
|
ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་བའི་བཟོད་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
དཀོན་བརྩེགས་ལེའུ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལེའུ་ལས་བྱུང་བ་སྟེ། ༡ ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་ངན་དུ་སྨྲ་བ་དང་། ངན་དུ་བརྗོད་པའི་ཚིག་རྣམས་བཟོད་པ། ༢ ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་རླུང་དང་། ཚ་བ་དང་། གྲང་བ་དང་། དྲོ་བ་དང་། སྐོམ་པ་དང་། བཀྲེས་པ་བཟོད་པ། ༣ ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་སློབ་དཔོན་དང་། མཁན་པོའི་རྗེས་སུ་འཇུག་པ། ༤ ཆོས་ཚོལ་བ་ལ་མངོན་པར་བརྩོན་པས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་བཟོད་པའོ། །
|