71923

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་བའི་བརྩོན་འགྲུས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་སྟེ། ཉན་པའི་བརྩོན་འགྲུས། འཛིན་པའི་བརྩོན་འགྲུས། བསྟན་པའི་བརྩོན་འགྲུས། ནན་ཏན་གྱི་བརྩོན་འགྲུས་སོ། །
Domain ཆོས་ལུགས།
ཡེ་ཤེས་ཀྱི་ཚོགས་གསོག་པར་འགྱུར་བའི་བརྩོན་འགྲུས་བཞི་ (2)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལེའུ་ལས་བྱུང་བ་སྟེ། ཐོས་པའི་བརྩོན་འགྲུས། གཟུངས་ཀྱི་བརྩོན་འགྲུས། བརྟན་པའི་བརྩོན་འགྲུས། ནན་ཏན་གྱི་བརྩོན་འགྲུས་སོ། །