71934
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱེད་པའི་ཡེ་ཤེས། སེམས་ཅན་གྱི་ཁམས་ཐམས་ཅད་དུ་སྐྱེ་ཞིང་འབྱུང་བའི་ཡེ་ཤེས། དུས་གསུམ་དུ་སྤྲུལ་པའི་བྱིན་གྱིས་བརླབས་པའི་ཡེ་ཤེས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་གྱིས་བརླབས་པའི་ཡེ་ཤེས། ཆོས་ཐམས་ཅད་རྟོགས་པར་རིག་པའི་ཡེ་ཤེས། ཆོས་ཐམས་ཅད་ཉེ་བར་སྟོན་པའི་ཆོས་ཤིན་ཏུ་བརྗོད་པའི་ཡེ་ཤེས། འགྲོ་བ་ཐམས་ཅད་ཁོངས་སུ་ཆུད་པའི་ཆོས་ཀྱི་ལུས་ཀྱི་ཡེ་ཤེས། ཆོས་ཐམས་ཅད་མངོན་དུ་གྱུར་ཅིང་ཀུན་ཏུ་མཐོང་བའི་མིག་གི་ཡེ་ཤེས་རྣམ་པར་དག་པ། དབང་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས། ཆོས་འབྱམས་ཀླས་པ་ཐམས་ཅད་མ་ལུས་པར་ཁོང་དུ་ཆུད་པ་བཅས་རབ་ཏུ་འཐོབ་བོ། ། |
| Domain | ཆོས་ལུགས། |