71944

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ཀྱི་རྣམ་དབྱེ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། ཕུང་པོ་དྲུག་དང་། འབྱུང་བ་དྲུག་གི་བདག་ཉིད་ཉོན་མོངས་རྣམས་དང་། དབང་པོ་དྲུག་ལ་སོགས་པའི་ཆོས་ཉིད་གདོད་མའི་ཡེ་ཤེས་མེ་ལོང་ལྟ་བུ་དང་། མཉམ་ཉིད། སོར་རྟོག། བྱ་གྲུབ། ཆོས་དབྱིངས་ཏེ། ཡེ་ཤེས་ལྔ་འམ་དྲུག་སྟེ། དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ། སྟོང་པའི་ཕྱོགས་མཁའ་ཁམས་དང་། བདེ་བའི་ཕྱོགས་ཡེ་ཤེས་ཀྱི་ཁམས་སུ་བཞག་པ་གཉིས་སོ་སོར་དབྱེ་བས་དྲུག་དང་། དེ་གཉིས་གཅིག་ཏུ་བསྡོམས་པས་ལྔ་ཡིན་ལ། དེ་རྣམས་ཐམས་ཅད་ཀྱང་རྣམ་པར་ཤེས་པའི་ཡུལ་ལས་འདས་ཤིང་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ལོ། །
Domain ཆོས་ལུགས།