71946
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཡེ་ཤེས་ཀྱིེ་རླུང་ནི། ཕྱོགས་བཅུའི་མུན་སེལ་ལས། རྩ་དེ་དག་ཏུ་ཉིན་ཞག་ཕྲུགས་གཅིག་ལ་ཡེ་ཤེས་ཀྱི་རླུང་བག་ལ་ཞ་བའི་ཚུལ་གྱིས་གྲངས་མཐུན་པར་རྒྱུ་ཡང་། གསལ་པོར་མི་རྒྱུ་བས་ཡོན་ཏན་ཁྱད་པར་ཅན་མངོན་དུ་མ་གྱུར་པ་ཡིན་ཞིང་། རླུང་བཅིངས་པ་ན་ཉོན་མོངས་པའི་རླུང་ཉིད་ཡེ་ཤེས་ཀྱི་རླུང་དུ་གྱུར་པ་རྒྱུ་བས་རྣལ་འབྱོར་པ་ལ་ཡོན་ཏན་འཆར་རོ། །སྤྱིར་རག་པའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉིན་ཞག་གཅིག་ལ་རྒྱུ་བ་ཡིན་ནོ། །དེའང་རགས་པར་རྒྱུ་བ་ནི་ལས་སམ་ཉོན་མོངས་པའི་རླུང་ཡིན་ལ། དེ་བཅིངས་པས་གསལ་ལ་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ནི་ཡེ་ཤེས་ཀྱི་རླུང་ངོ་། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |