71951

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ཀྱི་སྒོ་མ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཡེ་ཤེས་ཀྱི་སྒོ་མ་བཞི་ནི། སྒྱུ་འཕྲུལ་ཁྲོ་བོའི་ལྷ་ཚོགས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཡ་གྱལ་ཏེ། རྡོ་རྗེ་སྲིང་འགྲོ་མ་སྟེ་རྟ་གདོང་མ་དང་། རྡོ་རྗེ་གདོང་མོ་མ་སྟེ་ཕག་གདོང་མ་དང། རྡོ་རྗེ་འཇིག་རྟེན་མ་སྟེ་དྲེད་གདོང་མ་དང་། རྡོ་རྗེ་རོ་ལངས་མ་སྟེ་སྤྱང་གདོང་མའི་ཚོགས་སོ། །འདི་དག་ལ་བཀའ་ཉན་ཡེ་ཤེས་ཀྱི་སྒོ་མ་བཞི་ཞེས་ཀྱང་གྲགས། ཡང་ན། བཙུན་མོ་རྟག་པར་མ་ཡིན་པ་སྟེ་ལྕགས་ཀྱུ་མ། བཙུན་མོ་ཆད་པར་མ་ཡིན་པ་སྟེ་ཞགས་པ་མ། བཙུན་མོ་བདག་ཏུ་མ་ཡིན་པ་སྟེ་ལྕགས་སྒྲོག་མ། བཙུན་མོ་མཚན་མར་མ་ཡིན་པ་སྟེ་དྲིལ་བུ་མ་བཅས་བཞིའོ། །འདི་དག་གི་སྐུ་མདོག་དང་ཕྱག་མཚན་ནི། ཕྱོགས་བཅུའི་མུན་སེལ་ལས། སྒོ་མ་བཞིའི་ཕྱག་རྒྱས་རབ་ཏུ་མཛེས་པ་ནི། ཕྱིན་ཅི་ལོག་གི་བདུད་བཞི་འཇོམས་ཤིང་ཡེ་ཤེས་བཞི་ཡིས་རྒྱས་འདེབས་པ་སྟེ། རྟ་གདོང་དམར་མོ་ལྕགས་ཀྱུ་འཛིན་པ། ཕག་གདོང་ནག་མོ་ཞགས་པ་འཛིན་པ། དྲེད་གདོང་དམར་མོ་ལྕགས་སྒྲོག་འཛིན་པ། སྤྱང་གདོང་ལྗང་གུ་དྲིལ་ཆེན་འཛིན་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།