71955
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པར་མཁས་པ་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ། ༢ དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ། ༣ བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། རྣམ་པར་འཕྲུལ་པ་ཐམས་ཅད་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ། ༤ ཆོས་ཐམས་ཅད་ཀྱི་ཚུལ་གྱི་སྒོ་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ། ༥ སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ། ༦ གཟུངས་ཀྱི་སྒོ་ཐམས་ཅད་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ། ༧ འཇིག་རྟེན་ཁམས་ཐམས་ཅད་དུ་ཆོས་བསྟན་པ་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ། ༨ ཆོས་ཀྱི་དབྱིངས་ཐམས་ཅད་དུ་འཇུག་པ་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ། ༩ ཕྱོགས་བཅུ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་པ་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བ། ༡༠ སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཡེ་ཤེས་སྣང་བ་ཆགས་པ་མེད་པ་ལ་ཡེ་ཤེས་ཀྱིས་རྣམ་པར་ལྟ་བའོ། ། |
| Domain | ཆོས་ལུགས། |