71956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ཁོང་ཆུད་ཀྱི་བསྙེན་རྫོགས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ན་མཐོང་ལམ་སྐྱེས་པས་ན་འཕགས་པ་སྟེ། ཀུན་ཤེས་ཀཽཎྜིནྱ་དང་། སོགས་པ་རྟ་ཐུལ་དང་། རླངས་པ་དང་། མིང་ཆེན་དང་། བཟང་ལྡན་ཏེ་ལྔ་སྡེ་བཟང་པོ་རྣམས་ནི་ངེས་པ་སྟེ་བདེན་པ་མཐོང་བ་ལས་བསྙེན་པ་རྫོགས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། །
Domain ཆོས་ལུགས།