71959
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། ༡ འདི་ལྟར་གཏོང་བའི་སེམས་ཀྱིས་རྣམ་པར་འཕྲུལ་པའི་ཡེ་ཤེས་ཁོང་དུ་ཆུད་པ། ༢ སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མོས་པའི་ཡེ་ཤེས་ཁོང་དུ་ཆུད་པ། ༣ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མཐའ་དང་དབུས་མེད་པ་ལ་འཇུག་པའི་ཡེ་ཤེས་ཁོང་དུ་ཆུད་པ། ༤ དྲིས་པ་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པའི་ཡེ་ཤེས་ཁོང་དུ་ཆུད་པ། ༥ དོན་ཤེས་པ་ལ་འཇུག་པའི་ཡེ་ཤེས་ཁོང་དུ་ཆུད་པ། ༦ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ལ་མཁས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡིད་ཆེས་པར་འཇུག་པའི་ཡེ་ཤེས་ཁོང་དུ་ཆུད་པ། ༧ སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་ཆུང་ཡང་རུང་སྟེ། ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པར་འགྱུར་བར་ཡིད་ཆེས་པར་བྱས་ཤིང་། ཆོས་དཀར་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཡེ་ཤེས་ཁོང་དུ་ཆུད་པ། ༨ བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་པར་བྱ་བའི་ཡེ་ཤེས་ཁོང་དུ་ཆུད་པ། ༩ སེམས་ཀྱི་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པར་འགྲོ་ཞིང་གནས་པར་བྱ་བའི་ཕྱིར། སེམས་ཀྱི་སྐད་ཅིག་གཅིག་གིས་ཡེ་ཤེས་ཁོང་དུ་ཆུད་པ། ༡༠ སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་འཚང་རྒྱ་བ་དང་། ཆོས་ཀྱི་དབྱིངས་ཐམས་ཅད་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྟན་པ་དང་། གཟུང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་སྣ་ཚོགས་ལ་འཇུག་པའི་རྒྱན་གྱི་ཡེ་ཤེས་ཁོང་དུ་ཆུད་པའོ། ། |
| Domain | ཆོས་ལུགས། |