71961
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚིག་དོན་མཛོད་ལས་བྱུང་བ་སྟེ། ༡ ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་མ་བསྟན་ན་མཐོང་དུ་མི་རུང་བའི་དོན་བླ་མ་དམ་པ་ལས་རྙེད་པས་ཀྱང་སྤྲོ་བར་རིགས་པ། ༢ ས་ལ་གནས་པའི་བྱང་ཆུབ་སེམས་དཔས་ཀྱང་རྟོགས་དཀའ་བའི་གནས་སུ་འགྱུར་ན་ཚུར་རོལ་མཐོང་བས་སྨོས་ཀྱང་ཅི་དགོས་ཞེས་སངས་རྒྱས་ཁོ་ནའི་གསང་བ་རྡོ་རྗེའི་གནས་ཡིན་པས་ཀྱང་སྤྲོ་དགའ་བསྐྱེད་པ། ༣ ཡང་དག་པའི་བླ་མས་མ་བསྟན་ན་དངོས་སུ་མཐོང་ལ་རང་བཞིན་དུ་བར་དོར་རང་སྣང་མངོན་དུ་འཆར་བས་ཀྱང་སྤྲོ་དགའ་བསྐྱེད་པར་རིགས་པའོ། ། |
| Domain | ཆོས་ལུགས། |