71963
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཡེ་ཤེས་གཅིག་རྫོགས་ཀྱི་དབང་ནི། གཉིས་སུ་མེད་པའི་དོན་རྟོགས་པའི་སྟོབས་ལས་ཉོན་མོངས་ལྔ་རང་སར་གྲོལ་ཏེ་ཡེ་ཤེས་ལྔར་སྣང་བ་སྟེ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། གཉིས་སུ་མེད་པའི་དོན་རྟོགས་པས་ཉོན་མོངས་པ་ལྔ་མ་སྤངས་རང་སར་གྲོལ་ཏེ་ཡེ་ཤེས་ལྔར་སྣང་བ་སྟེ། བུམ་པ་ལ་སོགས་པའི་དབང་ལ་ལྟོས་པ་མ་ཡིན་ཏེ། ཡེ་ཤེས་གཅིག་རྫོགས་ཀྱི་དབང་ཞེས་བྱའོ། །ཞེས་གསུངས། |
| Domain | ཆོས་ལུགས། |