71968
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ༡ སྡུག་བསྔལ་གསུམ་བརྟག་པ་ལ་བརྩོན་པའི་ཚོར་བ་རྣམས་འབྱུང་བའི་རྒྱུ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ། ༢ རྟེན་དང་། གཞི་དང་། གནས་ཀྱི་རྒྱུ་ཡང་དག་པར་ཤེས་པ། ༣ དེ་བཞིན་དུ་གནས་པའི་རྒྱུ་ཡང་དག་པར་ཤེས་པ། ༤ དེ་བཞིན་དུ་རྟེན་དང་། དམིགས་པ་དང་། རང་བཞིན་དང་། གྲོགས་ཐམས་ཅད་དང་། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་ཀྱི་འདུ་བྱེད་རྣམས་ལ་ཡང་དག་པའི་ཤེས་པའོ། ། |
| Domain | ཆོས་ལུགས། |