71969

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་གསུམ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཡེ་ཤེས་གསུམ་ནི། སངས་རྒྱས་ས་ཡི་ཤེས་རབ་གསུམ་སྟེ། གནས་ལུགས་དོན་གྱི་ཡེ་ཤེས་དང་། རང་བྱུང་གི་ཡེ་ཤེས་དང་། ཕྲིན་ལས་ལྷུན་གྲུབ་ཀྱི་ཡེ་ཤེས་བཅས་གསུམ་མོ། །
Domain ཆོས་ལུགས།
ཡེ་ཤེས་གསུམ་ (2)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྙིང་མ། ཡེ་ཤེས་གསུམ་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། ཡེ་ཤེས་ལ་གསུམ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། རྣམ་པར་མི་རྟོག་པ་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡེ་ཤེས་དང་། ཐབས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་དང་གསུམ་མོ། །ཞེས་གསུངས། འདི་བྱང་ཆུབ་སེམས་དཔའི་ཕ་རོལ་ཏུ་ཕྱིན་པ་བཅུའི་ཡ་གྱལ། ཡེ་ཤེས་ཕ་རོལ་ཏུ་ཕྱིན་པའི་དབྱེ་བ་ཡིན་ནོ། །
Domain ལྟ་གྲུབ།