71971

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་གྲགས་ཀྱི་ནང་སྒྲུབ་དཀོར་ལྷ་རྒྱལ་ (1)
Part of speech མིང་ཚིག
Definition ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས། ཡེ་ཤེས་གྲགས་ཀྱི་ནང་སྒྲུབ་དཀོར་ལྷ་རྒྱལ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཤིན་ཏུ་ཟབ་ཕྱིར་གཏེར་དུ་སྦས༔ མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ གང་འདུལ་འགྲོ་བའི་དོན་དུ་སྤྱོད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། མཆོད་རྫས་སྣ་ཚོགས་བཤམས་ཤིང་ཞག་གྲངས་ཀྱི་སྒོ་ནས་ནང་ལྟར་བཀོད་པ་ལྷ་རྒྱལ་དུ་བསྒྲུབ་པའི་ཚུལ་བསྟན་ནོ། །