71974

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་ནི། ཡེ་ཤེས་འཆར་ལུགས་གསུམ་གྱི་ཡ་གྱལ་སྔགས་ནང་རྒྱུད་སྡེ་གསུམ་མམ་ནང་པ་ཐབས་ཀྱི་ཐེག་པ་གསུམ་པོའི་ཡེ་ཤེས་འཆར་ལུགས་ཏེ། བཀའ་བརྒྱད་རྣམ་བཤད་ལས། སྔགས་ནང་པ་ཐབས་ཀྱི་ཐེག་པ་གསུམ་ནི། ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་ཞེས་བྱ་སྟེ། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་བདག་ཉིད་ཆེན་པོའི་ངང་ལས་མ་འདས་པས་ན། རང་གི་སེམས་ཉིད་བདེ་བ་ཆེན་པོའི་དེ་ཉིད་ལ་གནས་བཞིན་དུ་སངས་རྒྱས་གཞན་དུ་ཚོལ་མི་དགོས་པར་ཚེ་འདི་ཉིད་ལ་མངོན་དུ་འཆར་བས་ན་ཡེ་ཤེས་ཁོང་ནས་འཆར་བ་ཞེས་བྱའོ། །ཞེས་གསུངས།
Domain ཆོས་ལུགས།