71975

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ནི། ཡེ་ཤེས་འཆར་ལུགས་གསུམ་གྱི་ཡ་གྱལ་སྔགས་ཕྱི་རྒྱུད་སྡེ་གསུམ་གྱི་ཡེ་ཤེས་འཆར་ལུགས་ཏེ། བཀའ་བརྒྱད་རྣམ་བཤད་ལས། སྔགས་ཕྱི་རྒྱུད་སྡེ་གསུམ་ནི་ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ཞེས་བྱ་སྟེ། ད་ལྟ་ཉིད་དུ་འོག་མིན་ན་བཞུགས་པའི་རྒྱལ་བ་རིགས་གསུམ་མམ་རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ་མདུན་མཁའ་སོགས་སུ་བཞུགས་པ་ལ་ཕྱག་འཚལ་ཞིང་མཆོད་པ་ཕུལ་ལ་དངོས་གྲུབ་ནོད་པར་བྱས་པས་ལྷ་དེས་དངོས་གྲུབ་སྟེར་བར་ལྟ་ཞིང་། བདག་དང་ལྷ་དང་རྫས་ཀྱི་རྟེན་འབྲེལ་ཟབ་མོའི་ཐབས་ཀྱིས་བསྒྲུབས་པས། མི་ཚེ་བདུན་དང་བཅུ་དྲུག་ལ་སོགས་པས་མཐར་ཐུག་གི་འབྲས་བུ་འགྲུབ་པར་འདོད་པ་དེ་དག་གི་ལམ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་འབྲས་བུ་ཐོབ་པ་ལ་མྱུར་བའི་ཕྱིར་ཡེ་ཤེས་མདུན་ནས་འཆར་བ་ཞེས་བྱའོ། །ཞེས་གསུངས།
Domain ཆོས་ལུགས།