71977
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཁྲོ་བོ་རྣམ་གསུམ་གྱི་ཡ་གྱལ་ཏེ། འདིའི་དོན། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། ཡེ་ཤེས་ཆེན་པོའི་ཁྲོ་བོ་ནི་རང་རིག་པའི་ཡེ་ཤེས་ཏེ། དེས་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ལ་མངའ་མཛད་ཅིང་། སྲིད་ཞི་གཉིས་ཀྱི་ས་བོན་དྲུང་ནས་འཇོམས་པས་སོ། །དེ་ཡང་སྒྱུ་འཕྲུལ་རྒྱས་པ་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུ་ཁམས་རྣམས་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་འགྱུར། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |