71981
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ག་ཡ་གོ་རིའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། འཕགས་པ་དང་འཕགས་པ་མ་ཡིན་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་ལུས་ལ་རྟོག་པ། ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་དོན་ལ་རྟོག་པ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་ལ་རྟོག་པ། དགེ་བ་དང་མི་དགེ་བའི་སྲེད་པ་ལ་རྟོག་པ། ཕྱིན་ཅི་ལོག་དང་ཕྱིན་ཅི་ལོག་མ་ཡིན་པའི་ལྟ་བ་ལ་རྟོག་པ། སྒོ་སྣ་ཚོགས་ནས་བསགས་པའི་དགེ་བའི་རྩ་བ་ལ་རྟོག་པ། སེམས་ཅན་གྱི་ཁམས་མཐའ་ཡས་པ་ལ་རྟོག་པ། མངོན་པར་ཞེན་པ་མེད་པའི་དོན་ལ་རྟོག་པ། དོན་དང་དོན་མ་ཡིན་པ་དང་ལྡན་པ་ལ་རྟོག་པ། མོས་པ་ཐ་དད་པའི་སེམས་ཅན་ལ་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་སྟོན་པ་རྟོག་པའོ། ། |
| Domain | ཆོས་ལུགས། |