71987
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུད་སྟོད་མཁན་ཐོག་༩༧ པ་དང་དགའ་ཁྲི་༩༣ ཡེ་ཤེས་དབང་ལྡན་ནི། ཁམས་མི་ཉག་དན་འབག་ཨ་མེས་ཚང་ཞེས་པར་འཁྲུངས། སྐུ་གཞོན་ནུའི་དུས་ནས་བསྟན་པ་ལ་རབ་ཏུ་བྱུང་། དགུང་གྲངས་ཉེར་ལྔ་ལ་འབྲས་བློ་གླིང་དུ་ཕེབས་ནས་མདོ་རྒྱུད་རབ་འབྱམས་ལ་གསན་བསམ་མཐར་ཕྱིན་པར་མཛད། དེ་ནས་རིམ་པས་རྒྱུད་དུ་ཞུགས་ནས་རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་གསན་སྦྱངས་མཛད་དེ་རྒྱུད་པའི་བླ་དབུ་དང་མཁན་ཁྲིར་སོགས་ཕེབས། ཕྱི་ལོ་༡༩༣༣ ཆུ་བྱ་ལོར་གསེར་ཁྲིར་ཕེབས། ཁྲི་ལོ་བདུན་བསྐྱངས་ཏེ་ཆོས་འཁོར་རྒྱ་ཆེར་བསྐོར། ཁྲི་ཟུར་ནས་ལོ་བཞིའི་མཐར་དགོངས་པ་ཞི་དབྱིངས་སུ་གཤེགས་ཚུལ་བསྟན། |