71997
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། བྱང་ཆུབ་སེམས་དཔའ་གང་ཟག་ལ་བདག་མེད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་ཆོས་ལ་བདག་མེད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་ཉི་ཚེ་བ་མ་ཡིན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་ཡེ་ཤེས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་བྱིན་གྱི་རླབས་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་མི་འཕྲོག་པའི་ཡེ་ཤེས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་རྣམ་པར་ལྟ་བའི་ཡེ་ཤེས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཕུན་སུམ་ཚོགས་པ། |
| Domain | ཆོས་ལུགས། |