72001

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་བྱ་བ་མེད་པའི་རྣལ་འབྱོར་གྱི་སྐབས་སུ་བསྟན་པའི་ཡེ་ཤེས་བཅོ་བརྒྱད་དེ། སྟོང་པ་ཉིད་ཀྱི་ཡེ་ཤེས། རྒྱུའི་ཡེ་ཤེས། ཐམས་ཅད་འབྱུང་བའི་ཡེ་ཤེས། ཡི་གེའི་ཡེ་ཤེས། ཕྱག་རྒྱའི་ཡེ་ཤེས། སྤྲུལ་པའི་ཡེ་ཤེས། ཅིར་ཡང་མཛད་པའི་ཡེ་ཤེས་བཅས་དོན་གྱི་སྒོ་ནས་བསྟན་པའི་ཡེ་ཤེས་བདུན་དང་། མེ་ལོང་ལྟ་བུའི་ཡེ་ཤེས། ནམ་མཁའ་ལྟ་བུའི་ཡེ་ཤེས། སྒྱུ་མ་ལྟ་བུའི་ཡེ་ཤེས། རིན་པོ་ཆེ་ལྟ་བུའི་ཡེ་ཤེས། ཉི་མ་ལྟ་བུའི་ཡེ་ཤེས་བཅས་དཔེ་ཡིས་མཚོན་པའི་ཡེ་ཤེས་ལྔ་དང་། སྣང་སྟོང་གསལ་བའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། བྱ་བ་ནན་ཏན་གྱི་ཡེ་ཤེས། རྣམ་པར་མི་རྟོག་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བཅས་མཚན་ཉིད་དང་ལས་ཀྱི་སྒོ་ནས་བསྟན་པའི་ཡེ་ཤེས་དྲུག་སྟེ། བཅོ་བརྒྱད་དོ། །ཡང་ན། གཟི་ལྡན་འཆར་ཁའི་འོད་སྣང་ལས་བྱུང་བ་ལྟར། སྟོང་ཉིད་བཅོ་བརྒྱད་རྟོགས་པའི་མཁྱེན་པ་མ་འདྲེས་གསལ་བའི་ལམ་གྱི་ཡེ་ཤེས་ཏེ། ནང་གི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས། ཕྱིའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། སྟོང་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། ཆེན་པོའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། དོན་དམ་པའི་ཆོས་ཉིད་ཤེས་པའི་ཡེ་ཤེས་དང། འདུས་བྱས་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། མཐའ་མི་དམིགས་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། དུས་གསུམ་གྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། བླང་དོར་མི་དམིགས་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། རང་བཞིན་གྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། ཆོས་ཅན་གྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། མཚན་ཉིད་འཛིན་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། དམིགས་པ་མེད་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། མཚན་མར་མི་རྟོག་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་དང། དངོས་པོ་མི་དམིགས་པའི་ཆོས་ཐམས་ཅད་ཤེས་པའི་ཡེ་ཤེས་བཅས་བཅོ་བརྒྱད་དོ། །
Domain ཆོས་ལུགས།