72006

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་བརྩེགས་ (1)
Part of speech མིང་ཚིག
Definition ཡེ་ཤེས་བརྩེགས་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་སྐྱོ་བྲག་ཆམ་ཏི་གསེར་ཕུག་ཏུ་རབ་བྱུང་གཉིས་པའི་ཤིང་ཕོ་སྟག་གི་ལོར་སྐུ་འཁྲུངས། གླིང་རྗེ་བློན་རྣམས་ཀྱིས་བླ་མར་བཀུར་ཏེ་སྨར་ཡེལ་བསྟན་པས་མདོ་ཁམས་ཁྱབ་ཞེས་པ་ལྟར་ཤིན་ཏུ་དར་རྒྱས་བྱུང་། ལྕི་ཟླ་དངུལ་གསུམ་མུན་པའི་སྨག་རུམ་འདྲ་བ་ལ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་ཆེས་ཆེར་གསལ་བར་མཛད། དེའི་ཆོས་བརྒྱུད་ལ་ཡེལ་པ་བཀའ་བརྒྱུད་ཅེས་བྱུང་། ཕུར་པ་བསམ་གྲུབ། ཡེལ་ཕུག་པ། ཛྙ་ན་ཀུ་ཊ། ཆོས་རྗེ་སངས་རྒྱས་ཡེལ་པ་སོགས། ཡེལ་པའི་མཚན་གཞན་ཡིན།