72007

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་བསོད་ནམས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ལྕགས་རྟ་ཕྱི་ལོ ༡༣༣༠ ལོར་འཁྲུངས། གུང་ལོ་ཉེར་ལྔ་པ་རབ་བྱུང་དྲུག་པའི་ཤིང་ལོ་ཕྱི་ལོ ༡༣༧༨ ལོའི་བར་དུ་རྒྱལ་ལྷ་ཁང་གི་གདན་ས་ལོ་ངོ་ཉེར་ལྔའི་རིང་བསྐྱངས། སློབ་ཚོགས་མང་དུ་བསྐྱངས། བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་མཁས་པར་སྦྱངས། མཁན་ཆེན་གྱི་མཚན་ཡང་བཞེས། རབ་བྱུང་དྲུག་པའི་ས་ལུག་ཕྱི་ལོ ༡༣༧༩ ལོར་གདན་ས་ཀུན་སྤངས་ཆེན་པོ་བསོད་ནམས་རྒྱལ་མཚན་ལ་གཏད། སྒོམ་སྒྲུབ་ཉམས་ལེན་ལ་བརྩོན། ང་གཅིག་པ་རབ་བྱུང་དྲུག་པའི་ལྕགས་སྤྲེལ་ཕྱི་ལོ ༡༣༨༠ ལོར་སྐུ་གཤེགས། རྒྱལ་ལྷ་ཁང་གི་གདན་རབས་ཉེར་གསུམ་པ་ཡིན།