72011
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལས་སངས་རྒྱས་ཀྱི་ས་ལ་ཡོན་ཏན་གྱི་བྱེ་བྲག་ལ་བརྟེན་ནས་རྣམ་པར་ཕྱེ་བའི་ཡ་གྱལ་ས་བཅུ་དྲུག་པ་སྟེ། ཕྱོགས་བཅུའི་མུན་སེལ་ལས། ཡོན་ཏན་གྱིས་ཕྱེ་བས་དེ་དང་དེ་ལས་མང་བར་ཡང་གསུངས་ཏེ། བདེ་བ་ཚད་མེད་པས་བཅུ་བཞི་པ་བདེ་བ་ཆེན་པོ། བཅོ་ལྔ་པ་ཏིང་ངེ་འཛིན། བཅུ་དྲུག་པ་ཡེ་ཤེས་བླ་མ་ཞེས་གྲགས་ཤིང་། དོན་གྱི་ངོ་བོ་ལ་གྲུབ་བསལ་མེད་པས་ས་གཅིག་ཏུའང་བཤད་དེ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པ་རྫོགས་པ་ཆེན་པོར་གཅིག་པ་སྟེ། ཀུན་བྱེད་ལས། གཅིག་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས། །ཞེས་སོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |