72021
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ སྐད་ཅིག་ལ་འཇིག་རྟེན་ཁམས་ཐམས་ཅད་དུ་མངོན་པར་དགའ་ལྡན་གྱི་གནས་ནས་ཤི་འཕོ་བར་སྟོན་པ། ༢ སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཚེ་སྟོན་པ། ༣ སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་བྱུང་བར་སྟོན་པ། ༤ སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཤིང་མངོན་པར་བྱང་ཆུབ་པར་སྟོན་པ། ༥ སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་སྟོན་པ། ༦ སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱིས་སེམས་ཅན་རྣམས་ཇི་ལྟར་སྨིན་ཞིང་འདུལ་བའི་དུས་ཇི་ལྟ་བ་བཞིན་དུ་མཁྱེན་ནས་མགུ་བར་མཛད་པ་སྟོན་པ། ༧ སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཇི་ལྟར་འདུལ་བ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་སྣ་ཚོགས་བརྗོད་དུ་མེད་པའི་དམིགས་པ་སྟོན་པ། ༨ སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བརྗོད་དུ་མེད་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང་། ཁྱུ་མཆོག་དེ་བཞིན་གཤེགས་པའི་ཐམས་ཅད་མཁྱེན་པའི་མཛོད་སྟོན་པ། ༩ སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐམས་ཅད་རྣམ་པར་དག་པ་སྟོན་པ། ༡༠ སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདས་པ་དང་། མ་འོངས་པ་དང། ད་ལྟར་བྱུང་བའི་སངས་རྒྱས་འབྱུང་བ་དང་། དབང་པོ་དང་། བརྩོན་འགྲུས་དང་། དད་པ་སྣ་ཚོགས་ཀྱིས་སྤྱོད་པའི་རིམ་པ་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་རིགས་མངོན་པར་མཁྱེན་པ་སྟོན་པའོ། ། |
| Domain | ཆོས་ལུགས། |