72023

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་མཚོ་རྒྱལ་གྱི་རྣམ་འཕྲུལ་མཁའ་འགྲོ་མ་གཉིས་ (1)
Part of speech མིང་ཚིག
Definition ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་བཻཌཱུརྱའི་ཕྲེང་བ་ལས་བྱུང་བ་སྟེ། ༡ སྤྲུལ་པའི་གཏེར་སྟོན་ཆེན་མོ་ཇོ་མོ་སྨན་མོ་ནི། ཨེ་ཡུལ་རིག་པའི་འབྱུང་གནས་ཀྱི་གུ་རུའི་སྒྲུབ་ཕུག་གཟར་མོ་དང་ལུང་དང་ཉེ་བར་ཡབ་སྔགས་བརྒྱུད་སྔགས་པ་རྡོ་རྗེ་རྒྱལ་པོ་དང་། ཡུམ་མཁའ་འགྲོའི་རིགས་ཅན་པདྨ་དཔལ་འཛོམས་གཉིས་ཀྱི་སྲས་མོར་ས་ཕོ་སྤྲེལ་ལོར་འཁྲུངས། ཡབ་ཡུམ་གཉིས་ཀྱིས་མཚན་ལ་པདྨ་མཚོ་སྐྱིད་དུ་བཏགས། ༢ མཁའ་འགྲོ་མ་ཀུན་དགའ་འབུམ་པ་ནི། འོན་གྱི་བཀྲ་ཤིས་རྡོ་མཁར་དུ། ཡབ་གཙང་པ་རྡོ་རྗེ་དང་། ཡུམ་ཤེལ་དཀའ་བཟའ་རྡོ་རྗེ་འཚོའི་སྐྱེ་བ་མཚན་ལྡན་ལྷ་སྐྱིད་དཔལ་འཛོམས་གཉིས་ཀྱི་སྲས་མོར་སྤྲེའུ་ལོར་འཁྲུངས་པའོ། །
Domain ལོ་རྒྱུས།