72026
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མུ་ཏིག་ཕྲེང་བ་ལས། དེ་ལྟར་སྙིང་པོ་དེ་ཉིད་ལ། སྐུ་ལྔ་ཡེ་ཤེས་ལྔ་དང་ནི། འོད་ལྔ་ཁ་དོག་རྣམ་པ་ལྔ། ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད། དེ་ཐམས་ཅད་ཆོས་ཉིད་དུ་རོ་གཅིག་པས་ཆོས་དབྱིངས་ཡེ་ཤེས། རིག་པ་དྲི་མ་མེད་པས་འོད་དཀར་པོ། རྡོ་རྗེའི་རིགས་མི་སྐྱོད་པ། རིག་པ་དྲི་མ་མེད་པས་འོད་དཀར་པོ། རྡོ་རྗེའི་རིགས་མི་སྐྱོད་པ། རིག་པའི་ངང་དུ་སྐུ་དང་ཞིང་ཁམས་ལ་སོགས་པ་རང་གསལ་བས་མེ་ལོང་ཡེ་ཤེས། འགྱུར་བ་མེད་པས་དམར་ལྗང་། རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན། དེ་ཐམས་ཅད་རིག་པར་མཉམ་པས་མཉམ་ཉིད་ཡེ་ཤེས། ཡོན་ཏན་རྫོགས་པས་སེར་པོ། པདྨའི་རིགས་འོད་དཔག་མེད། མ་འདྲེས་པར་སྣང་བས་སོར་རྟོག་ཡེ་ཤེས། རིག་པ་འདུས་པས་དམར་པོ། ལས་ཀྱི་རིགས་དོན་ཡོད་གྲུབ་པ། ཡེ་ནས་ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས། མ་བཙལ་རྫོགས་པས་ལྗང་ཁུའོ། ། |