72028
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྫོགས་ཆེན། རྙིང་མ། འཇམ་དཔལ་མཚན་བརྗོད་ལས། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཅེས་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐུའི་རྣམ་པ་བཤད་སྐབས་ནས་བསྟན་པའི་མིག་དྲུག་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། མིག་དྲུག་ནི་ཡེ་ཤེས་ཟང་ཐལ་གྱི་མིག་དྲུག ཅེས་གསུངས། འདི་རྫོགས་ཆེན་སྤྱི་ཏི་ཡོ་གའི་འགྲེལ་ལུགས་ཡིན། |
| Domain | ཆོས་ལུགས། |