72036
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཅིག་པའི་སྨད་དུ་འཁྲུངས། བོད་ཡུལ་ནས་ཐོག་མར་སློབ་གཉེར་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་པཎ་གྲུབ་མང་པོ་བསྟེན། རྒྱ་གཞུང་དང་ལེགས་སྦྱར་གྱི་སྐད་ལ་ཕུལ་དུ་ཕྱིན་པའི་ ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་བདག་མེད་མ་ལྷ་མོ་བཅོ་ལྔ་ལ་བསྟོད་པ་དང་། བདག་མེད་མའི་སྒྲུབ་ཐབས་རབ་ཏུ་གསལ་བ། རྡོ་རྗེ་རྣལ་འབྱོར་མའི་དགོངས་པའི་སྦྱིན་སྲེག་གི་ཆོ་ག ཐ་དད་དུ་ཆོས་སྤྱོད་ཡོད་པར་སྟོན་པ་ལྟ་བ་ངན་པ་སེལ་བ། ལྟ་བ་ངན་པ་སེལ་བའི་དཀའ་འགྲེལ། སྔགས་ཀྱི་སྤྱོད་པ་སྟོན་པ་ལྷན་སྐྱེས་དྲུག་པ། དབང་གི་དགོས་པ་མདོར་བསྡུས་པ། དབང་གི་བྱ་བ་མདོར་བསྡུས་པ། རང་བཞིན་ལྔ་བ་ཐབས་དང་ཤེས་རབ་བརྩེ་བ་ལྔ་པ། དེ་ཁོ་ན་ཉིད་བཅུ་བའི་རྒྱ་ཆེར་འགྲེལ་བ། རྡོ་རྗེའི་ཚིག་བཅས་བཞུགས། |